བབས་གནས།  དབུ་ངོས།སྐབས་དོན། བསླབ་ཁྲིད། → རྒྱུད་ཁོངས་ Windows 10 ཁྲོད་དུ་བོད་ཡིག་གི་གཏག་ཐབས་ཁ་སྣོན་བྱེད་ཚུལ།

རྒྱུད་ཁོངས་ Windows 10 ཁྲོད་དུ་བོད་ཡིག་གི་གཏག་ཐབས་ཁ་སྣོན་བྱེད་ཚུལ།

ཡོང་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ།རྩོམ་པ་པོ། སྤེལ་དུས། 04-17
རྒྱུད་ཁོངས་ Windows 10 དེ་བོད་ཡིག་གི་གཏག་ཐབས་ཕྱོགས་ནས་སྔོན་མའི་པར་གཞི་དང་བསྡུར་ན་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་པ་ནི་རྫོང་ཁ་གཏག་ཐབས་ཁ་སྣོན་བྱས་ཡོད་པ་དེ་རེད།

གཏག་ཐབས་ཁ་སྣོན་བྱེད་ཚུལ་ནི་གཤམ་གྱི་དཔེ་རིས་ལྟར།

མགོ་རྩོམ་གདམ་ཐོའི་ཁྲོད་གྱི་སྒྲིག་འགོད་(设置)མནན་པ།
མགོ་རྩོམ་གདམ་ཐོའི་ཁྲོད་གྱི་སྒྲིག་འགོད་(设置)མནན་པ།
དུས་ཚོད་དང་སྐད་ཡིག་(时间和语言)མནན་པ།
དུས་ཚོད་དང་སྐད་ཡིག་(时间和语言)མནན་པ།
གཡོན་ཕྱོགས་ཀྱི་ཁུལ་ཁོངས་དང་སྐད་ཡིག་(区域和语言)-གཡས་ཕྱོགས་ཀྱི་སྐད་ཡིག་ཁ་སྣོན་(添加语言)མནན་པ།
གཡོན་ཕྱོགས་ཀྱི་ཁུལ་ཁོངས་དང་སྐད་ཡིག་(区域和语言)-གཡས་ཕྱོགས་ཀྱི་སྐད་ཡིག་ཁ་སྣོན་(添加语言)མནན་པ།
བོད་ཡིག་བཙལ་ནས་རྙེད་ཚེ་དེ་མནན་དགོས།
བོད་ཡིག་བཙལ་ནས་རྙེད་ཚེ་དེ་མནན་དགོས།

དེ་ལྟར་གྲུབ་པ་ན་བོད་ཡིག་གི་གཏག་ཐབས་ཁ་སྣོན་བྱས་ཟིན་ཅིང་ཕབ་གཞོང་ནི་ཧི་མ་ལ་ཡ་གཏག་ཐབས་ལྟར་ཡིན།

གཏག་ཐབས་ཁ་སྣོན་བྱེད་པའི་གོ་རིམ་ཁྲོད་དུ་མཉམ་བཞག་ཡོད་མཁན་ཞིག་ཡིན་ན་ཕལ་ཆེར་རྫོང་ཁ་གཏག་ཐབས་ཀྱང་མཐོང་ཡོད་སྲིད། དེ་ནི་གཤམ་གྱི་དཔེ་རིས་ལྟར།

Windows 10 ཁྲོད་དུ་རྫོང་ཁ་གཏག་ཐབས་ཁ་སྣོན་བྱས་ཡོད་པ།
Windows 10 ཁྲོད་དུ་རྫོང་ཁ་གཏག་ཐབས་ཁ་སྣོན་བྱས་ཡོད་པ།
གཏག་ཐབས་ཁ་སྣོན་བྱས་ཡོད་པའི་ཚུལ།
གཏག་ཐབས་ཁ་སྣོན་བྱས་ཡོད་པའི་ཚུལ།
གཏག་ཐབས་ཁ་སྣོན་བྱས་ཡོད་པའི་ཚུལ།
གཏག་ཐབས་ཁ་སྣོན་བྱས་ཡོད་པའི་ཚུལ།

པར་དབང་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བར་ཡོད་པས་གང་འདོད་བརྒྱུད་འགོད་མི་བྱེད་པའི་རེ་བ་ཞུ། གལ་ཏེ་བརྒྱུད་འགོད་བྱེད་དགོས་བྱུང་ཚེ་རྩོམ་ཁུངས་གསལ་པོར་འགོད་རོགས།

སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2020 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 62302702270011号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག