བབས་གནས།  དབུ་ངོས།སྐབས་དོན། མཉེན་ཆས་སྐོར། → མཉེན་ཆས་དང་ཡིག་གཟུགས་སྣ་འདུས་ཀྱི་ནོར་བཟང་མཐེབ་སྡེར།

མཉེན་ཆས་དང་ཡིག་གཟུགས་སྣ་འདུས་ཀྱི་ནོར་བཟང་མཐེབ་སྡེར།

ཡོང་ཁུངས། སྐད་འཕྲིན།རྩོམ་པ་པོ། ནོར་བཟང་མཐེབ་སྡེར།སྤེལ་དུས། 09-02

微信图片_20191005111726.png དང་པོ་ངོ་སྤྲོད་མདོར་བསྡུས། 

 

 

 

 

 

 

 
 

   ནོར་བཟང་མཐེབ་སྡེར་ནི་ནོར་བཟང་ཚན་རྩལ་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱིས་རྩིས་འཁོར་ལ་དགའ་ཞེན་ཡོད་པའི་བོད་རིགས་ཀྱི་གྲོགས་པོ་ཚོར་སྟབས་བདེ་སྐྲུན་ཆེད་བཟོས་པའི་མཉེན་ཆས་སྣ་འདུས་ཀྱི་མཐེབ་སྡེར་ཞིག་ཡིན་ལ།  འདིའི་ནང་དུ་བོད་ཀྱི་ཡིག་གཟུགས་སྣ་ཚོགས་དང་།   པར་རིས་སྒྲིག་བཟོ།  བརྙན་རིས་སྒྲིག་བཟོ།  དཔེ་དེབ་ཇུས་འགོད་སོགས་ལ་མཁོ་བའི་མཉེན་ཆས་སྣ་ཚོགས་དྲ་ལམ་ནས་ཕབས་ལེན་བྱེད་དཀའ་བ་དང་། ཕབས་ལེན་བྱས་ན་རིན་པ་དགོས་པ།  མཉེན་ཆས་འཐུས་ཚང་ཕབས་ལེན་བྱེད་མི་ཐུབ་པ་སོགས་ཀྱི་མཉེན་ཆས་སྣ་ཚོགས་ཐད་ཀར་ནང་འཇུག་བྱེད་ཆོག་པའི་མཐེབ་སྡེར་ཁྱད་ཆོས་ཅན་ཞིག་ཡིན།  འདི་ནི་སྔོན་གྱི་ནོར་བཟང་མཐེབ་སྡེར་ནང་གི་མཉེན་ཆས་དང་རིམ་སྤར་དང་། ཡིག་གཟུགས་གསར་བ་གང་མང་ཞིག་ཁ་སྣོན་བྱས་ཡོད་ལ། གཞན་ད་དུང་སྔོན་གྱི་ཁོག་བརྗེ་མི་ཤེས་པ་དང་Cསྡེར་ཁ་གང་འགྲོ་བའི་གནད་དོན་དེ་དག་སེལ་བའི་ཆེད་དུ་མཉེན་ཆས་དག་ཐད་གར་ནང་འཇུག་བྱེད་ཐུབ་པར་མ་ཟད་དེ་དག་ནང་འཇུག་བྱེད་ཚུལ་གྱི་སློབ་ཁྲིད་ཀྱང་ཡོད། ད་དུང་མཐེབ་སྡེར་ནང་གི་མཉེན་ཆས་དག་དུས་ཡུན་རིང་པོར་བཀོལ་ཆོག་པ་སོགས་སྔོན་དང་བསྡུར་ན་ཧ་ཅད་སྟབས་བདེ་ཡིན། 

640.gif
 

ནོར་བཟང་མཐེབ་སྡེར་དུ་ང་ཚོས་ཕྱོགས་བསྡུས་བྱས་ཡོད་པའི་མཉེན་ཆས་རེའུ་མིག 

 Photoshop 

C2019

པར་རིས་སྒྲིག་སྦྱོར་དང་ཇུས་འགོད། 

Illustrator 

CC2019

མཚོན་རྟགས་དང་འདྲ་གཟུགས་ཇུས་འགོད། 

 adobe Indesign 

CC2019

དཔེ་དེབ་སྒྲིག་སྦྱོར། 

After Effects 

C2019

བརྙན་རིས་ཇུས་འགོད། 

Premiere 

CC2019

བརྙན་རིས་འདྲ་གཅོད། 

Dreamweaver 

CC2019

དྲ་ཚུགས་བཟོ་སྐྲུན། 

microsoft office 

2016

གཞུང་ལས་མཉེན་ཆས།  

微信图片_20191005111736.jpg
 

ནོར་བཟང་མཐེབ་སྡེར་དུ་ང་ཚོས་ཕྱོགས་བསྡུས་བྱས་ཡོད་པའི་ཡིག་གཟུགས་རེའུ་མིག 

01

སྨོན་ལམ་ཡིག་གཟུགས་ཆ་ཚང་། 

02

ཇོ་མོ་གླང་མའི་ཡིག་གཟུགས་ཆ་ཚང་། 

03

རྫོང་ཁའི་ཡིག་གཟུགས་ཆ་ཚང་། 

04

ཞང་ཞུང་སྨར་གྱི་ཡིག་གཟུགས། 

05

སཾ་བྷོ་ཊའི་ཡིག་གཟུགས་ཆ་ཚང་། 

06

པཎ་ཊི་དའི་ཡིག་གཟུགས་ཆ་ཚང་། 

07

ཧི་གཟུགས་ཡིག་གཟུགས་ཆ་ཚང་། 

08

རྨི་ལམ་ཡིག་གཟུགས། 

微信图片_20191005111726.png
 

ནོར་བཟང་མཐེབ་སྡེར་དུ་འདུས་ཡོད་པའི་ཚིག་མཛོད་མཉེན་ཆས་དང་གློག་རྡུལ་ཚིག་མཛོད་ཀྱི་རིགས། 

 

    ཚིག་མཛོད་མཉེན་ཆས་ཀྱི་སྐོར།   སྨོན་ལམ་ཚིག་མཛོད།  རྒྱ་བོད་ཚིག་མཛོད། 

 PDFརྣམ་པའི་གློག་རྡུལ་ཚིག་མཛོད། དག་ཡིག་གསར་བསྒྲིགས། དུང་དཀར་ཚིག་མཛོད། བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཚིག་མཛོད། བོད་དབྱིན་ཚིག་མཛོད། བོད་དབྱིན་ཤན་སྦྱར་ཚིག་མཛོད། བོད་འགྱུར་བརྡ་འཕྲིན་བརྡ་ཆད་ཚིག་མཛོད། བོད་རྒྱ་ནང་བསྟན་ཚིག་མཛོད། བོད་རྒྱ་མིང་མཛོད། བོད་སྐུང་ཡིག་དང་རྒྱ་ཤན་སྦྱར་ཚིག་མཛོད། རིས་འགྲེལ་མིང་མཛོད། སིང་བོད་ཤན་སྦྱར་ཚིག་མཛོད་སོགས་ཡོད། 

 

གསལ་བཤད། 

 

གོང་གི་མཉེན་ཆས་དེ་དག་གི་སྒེའུ་ཁུང་མ་ལག་གམ་Windowsམ་ལག་གི་ནང་དུ་འཇོག་རྒྱུའི་མཉེན་ཆས་ཡིན་པས།  ཀུ་ཤུ་རྩིས་འཁོར་སྤྱོད་མཁན་གྱི་གྲོགས་པོ་ཚོས་མཐེབ་སྡེར་ནང་གི་ཡིག་གཟུགས་དང་གློག་རྡུལ་ཚིག་མཛོད་མ་གཏོགས་མཉེན་ཆས་གཞན་པ་ཚོ་བེད་སྤྱོད་བྱེད་མི་ཐུབ། 

      གོང་གི་མཉེན་ཆས་དེ་དག་ནང་འཇུག་བྱེད་ཚུལ་གྱི་བརྙན་ལྡན་སློབ་ཁྲིད་མཐེབ་སྡེར་ནང་དུ་བཞག་ཡོད་པས་ཁྱེད་ཀྱིས་ནང་འཇུག་བྱེད་མི་ཤེས་པའི་ངལ་བ་ཡོངས་སུ་སེལ་ཐུབ།  གལ་ཏེ་མཉེན་ཆས་འདི་དག་གི་བེད་སྤྱོད་བྱེད་སྟངས་ལེགས་པར་ཤེས་འདོད་ན་འོག་གི་阅读原文ཞེས་པའི་རྒྱ་ཡིག་ལ་མནན་ནས་ནོར་བཟང་སློབ་ཁང་དུ་སློབ་སྦྱོང་བྱེད་པར་ཕེབས་ཆོག 

   གཞན་ཁྱེད་ཀྱི་རྩིས་འཁོར་ལ་གནད་དོན་འདྲ་མིན་བྱུང་བའམ།  མཉེན་ཆས་སྣ་ཚོགས་ནང་འཇུག་བྱེད་སྟངས་སོགས་ཀྱི་ཞབས་ཞུ་མཁོ་ཚེ་འོག་གི་བཤེར་རིས་བརྒྱུད་ནས་འབྲེལ་བ་གནང་ཆོག  

微信图片_20191005111911.jpg

བརྩེ་བའི་གྲོགས་པོ་ལགས།  ཁྱེད་ལ་ནོར་བཟང་མཐེབ་སྡེར་ཉོ་བའི་འདུན་པ་ཡོད་ཚེ་བཤེར་རིས་བཤེར་ནས་ང་ཚོར་འབྲེལ་བ་གནང་ཆོག 

 
 

gebanabo

 

 

སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2020 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 62302702270011号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག