བབས་གནས།  དབུ་ངོས།སྐབས་དོན། གསར་འགྱུར། → བསང་ཆུ་རྫོང་གིས་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ་བ།

བསང་ཆུ་རྫོང་གིས་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ་བ།

ཡོང་ཁུངས། བསང་ཆུ་རྫོང་རིག་གནས་ཁང་།རྩོམ་པ་པོ། བསང་ཆུ་བྲིས་བ་མཐུན་ཚོགས།སྤེལ་དུས། 04-30
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོར། བསང་ཆུ་རྫོང་རིག་གནས་ཁང་གིས་གཙོ་སྒྲུབ་མཛད་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྒོས། བདེ་སྐྱིད་འཚོ་བ་སྐྲུན་པར་བྱ་ཅེས་པའི་སྐབས་དང་པོའི་བསང་ཆུའི་བྲིས་བའི་ཡིག་གཟུགས་འགྲེམས་སྤེལ་གྱི་མཛད་སྒོ་བསང་ཆུ་རྫོང་རིག་གནས་ཁང་ནས་གཟབ་་རྒྱས་ངང་མཇུག་སྒྲིལ་བ། ཐེངས་འདིའི་བྱ་འགུལ་སྟེང་བསང་ཆུ་བྲིས་བའི་མངའ་ཁོངས་ཀྱི་སྐྱ་སེར་ཕྱོགས་གཉིས་ཀྱི་ཡིག་ཡིག་གཟུགས་ཆེད་མཁས་མི་ཉུང་བ་ཞིག་ཚོགས་ཐོག་ཏུ་ཞུགས་པ་དང་། བརྩམས་ཆོས་ཡང་མི་ཉུང་བ་ཞིག་གཟབ་རྒྱས་ངང་འགྲེམས་སྟོན་བྱུང་བ་མ་ཟད། ཚོགས་མི་ཚང་མས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐད་བགྲོ་གླེང་ཡང་སྔོ་དྲོའི་དུས་ཡུན་ཞིག་ཏུ་གནང་བྱུང་ལ། གཙོ་བོ་ལོ་རེ་བཞིན་གྱི་བོད་ཀྱི་ཡིག་གཟུགས་ཉིན་མོར་བོད་ཀྱི་ཡིག་གཟུགས་འགྲེམས་སྤེལ་འདིར་བསྟུན་ནས་། གཙོ་བོ་བོད་རང་གི་གཞན་ལས་ཁྱད་དུ་འཕགས་པའི་རིག་གནས་འདི་མ་ཉམས་གོང་འཕེལ་གཏོང་བའི་སླད་དུ་དཔུང་བ་མཉམ་གཤིབ་བྱེད་པའི་བསམ་བློའི་འདུ་ཤེས་དེ་ཆགས་སུ་འཇུག་པར་སྐུལ་སློང་དང་བཅས་སུ་ཚོགས་པའོ།
 

1588294370769384.jpg

1588294797843980.jpg

གླེང་མོལ་ཚོགས་འདུ།

1588294487176601.jpg

1588295016827448.jpg

ཡིག་གཟུགས་འགྲེམས་སྟོན།

1588295153202404.jpg

1588295238512655.jpg

1588295272917644.jpg

བསང་ཆུའི་བྲིས་བའི་ཡིག་མཁན་ཚོས་བྲི་རྩལ་ངོམ་པ།

1588297048707173.jpg

1588295337659486.jpg

འགྲེམས་སྟོན་ཁང་གི་ཟུར་གཅིག

1588296100633815.jpg

ཚོགས་ཞུགས་མི་སྣའི་མཉམ་པར།

སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2020 BODYIG.NET 【མཉེན་ཆས་གླིང་།】 | 陇ICP备15003445-10 | 甘公网安备 62302702270011号

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག