བབས་གནས།  དབུ་ངོས།མཉེན་ཆས་ཕབ་ལེན། ཀུ་ཤུའི་མ་ལག → གསོ་རིག་ཚིག་མཛོད་ཆེན་མོ།

གསོ་རིག་ཚིག་མཛོད་ཆེན་མོ།

གསོ་རིག་ཚིག་མཛོད་ཆེན་མོ།
  • སྤེལ་དུས།2018-01-17 15:25:45
  • ཆེ་ཆུང་།
  • པར་ཐེངས།V2.1.1
  • སྐད་རིགས།བོད་སྐད།
  • རྩོམ་མཁན།ལྷ་ལྡན་སྨན་རྩིས་ཁང་།
  • ཕབ་གྲངས།


སྐབས་དོན།

གསོ་རིག་ཚིག་མཛོད་ཆེན་མོ།_ངོ་སྤྲོད།

ལྷ་ལྡན་སྨན་རྩིས་ཁང་དངོས་སུ་དབུ་བརྙེས་ནས་ལོ་ངོ་བརྒྱ་ཧྲིལ་པོ་འཁོར་བར་བཀྲིས་རྟེན་འབྲེལ་ཞུ་ཆེད་དང་།  རྒྱ་ཆེའི་བོད་ཀྱི་གསོ་རིག་རྒྱུན་འཛིན་པ་ཡོངས་ཀྱིས་བོད་ཀྱི་གསོ་རིག་ཐད་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུར་སྟབས་བདེ་སྐྲུན་ཏེ།  བོད་ཀྱི་གསོ་བ་རིག་པ་འདི་བཞིན་ཡར་ངོའི་ཟླ་ལྟར་རྒྱས་པའི་དམིགས་པ་གཙོ་བོར་བཟུང་སྟེ།  ངེད་ལྷ་ལྡན་སྨན་རྩིས་ཁང་ནད་ཐོག་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་གློག་འཕྲིན་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སི་གཉིས་མཉམ་འབྲེལ་གྱིས་བོད་ཀྱི་གསོ་བ་རིག་པའི་ཚིག་མཛོད་ཆེན་མོའི་དཔེ་དེབ་དེ་ཁ་པར་ནང་ཐད་ཀར་ཕབ་ལེན་ཐུབ་པའི་APPམཉེན་ཆས་གཟུགས་ཀྱི་ཚིག་མཛོད་དུ་བཅོས་རྒྱུའི་ལས་དོན་སྤེལ་ཞིང་།  ད་ཆ་ལས་འགན་རྣམས་སྤྱིའི་ཆ་ནས་ལེགས་གྲུབ་ཀྱིས་དངོས་སུ་ཕབ་ལེན་ཐུབ་པ་བྱུང་ཡོད།   དང་པོ། ཚིག་མཛོད་ཆེན་མོ་འདི་ནི་ལོ་ངོ་བཅུའི་གོང་ངེད་ལྷ་ལྡན་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་དགུ་བཅུའི་རྟེན་འབྲེལ་ལ་ཆེད་མངགས་མཁས་དབང་སྒྲིག་འཛུགས་ཀྱིས་རྩོམ་སྒྲིག་བྱས་པ་ཡིན་ཞིང་།  མིག་སྔར་མིང་ཚིག་ཕུན་སུམ་ཚོགས་པའི་གསོ་རིག་ཚིག་མཛོད་ཆེ་གྲས་ཤིག་ཡིན།   གཉིས་པ། ངེད་སྨན་ཁང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བོད་ཀྱི་གསོ་རིག་འཛིན་པ་རྣམས་ལ་སྟབས་བདེ་སྐྲུན་རེའི་ལྷག་བསམ་དག་པོས་ད་ཐེངས་བོད་ལུགས་གསོ་རིག་ཚིག་མཛོད་འདི་ཉིད་རིན་མེད་དུ་ཁ་པར་ནང་ཕབ་ལེན་ཐུབ་པ་བྱས་ཡོད།   གསུམ་པ། མིག་སྔར་ཀུ་ཤུའི་མ་ལག་ཁ་པར་ནང་ཚིག་མཛོད་འདི་ཉིད་ཕབ་ལེན་བྱ་ཐུབ་ཅིང་།  དེ་མིན་ཨན་ཀྲོའི་མ་ལག་ནང་ཕབ་ལེན་བྱ་ཐུབ་པར་བཟོ་བཞིན་ཡོད་པས་མགྱོགས་མྱུར་མ་ལག་དེ་གཉིས་ཀའི་ནང་ཕབ་ཐུབ་ཅིང་།  ཚང་མས་དུས་ཐོག་ཏུ་གཡུ་ཐོག་གླེང་སྟེགས་ཚང་གི་ཆ་འཕྲིན་ལ་དོ་སྣང་ཡོད་པ་ཞུ།  བཞི་པ། ཕབ་ལེན་བྱ་ཐབས།  ཀུ་ཤུའི་ཁ་པར་ནང་ཕབ་ལེན་བྱ་སྐབས་ཐབས་ཤེས་འདྲ་བ་གཉིས་སྟེ།   ༡ ཐད་ཀར་ཀུ་ཤུའི་ཁ་པར་གྱི་APP Storeམཉེན་ཆས་ཀྱི་འཚོལ་བཤེར་མ་ལག་ནང་རྒྱ་ཡིག་གི་藏医药大辞典ཞེས་བྲིས་ཏེ་འཚོལ་བཤེར་གནང་ན་འགྲིག  ༢ ཀུ་ཤུའི་ཁ་པར་གྱི་འཕྲིན་ཕྲན་ནང་ནས་གཤམ་གྱི་གཉིས་གཟུགས་རི་མོ་བཤེར་ཏེ་འཚོལ་བཤེར་གནང་ནས་ཐད་ཀར་ཕབ་ལེན་བྱས་ན་ཆོག  ལྔ་པ།  བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་འདི་ཉིད་ཁ་པར་མཉེན་ཆས་སུ་བཅོས་ནས་ད་ཆ་ཕྱིར་བཀྲམ་ཡོད་ཅིང་།  མ་འོངས་པར་དེའི་ནང་དོན་དང་བཟོ་སྟངས་སོགས་ཀྱི་ཐད་དགོངས་འཆར་གང་ཡོད་ཐད་ཀར་ངེད་ནད་ཐོག་ཞིབ་འཇུག་ལྟེ་གནས་སམ་ཡང་ན་གཡུ་ཐོག་གླེང་སྟེགས་ཚང་ལ་འབྲེལ་བ་གནང་སྟེ་གསུངས་རོགས་ཞུ་རྒྱུ་དང་།  ང་ཚོས་གློག་འཕྲིན་ཀུང་སི་དང་མཉམ་དུ་མུ་མཐུད་ལེགས་བཅོས་ཞུས་ཆོག །       འབྲེལ་བ།  བུ་ཆུང་ཚེ་རིང་།  ༦༣༢༠༠༡༣ ལྷ་ལྡན་སྨན་རྩིས་ཁང་ནད་ཐོག་ཞིབ་འཇུག་ལྟེ་གནས། ཀྲུང་གོ་གློག་འཕྲིན་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སི། གཡུ་ཐོག་གླེང་སྟེགས་ཚང་། སྤྱི་ལོ་༢༠༡༦ལོའི་ཟླ་༡༢ཚེས་༡༥

ཕབ་གནས།

དཔྱད་གཏམ།